Tuesday, April 12, 2016

ཨ་མ་ཞིག་དང་གྲྭ་པ་ཞིག

ཨ་མ་ཞིག་ཐབ་ཀྱི་མེ་གཏོང་བའི་ཆེད་དུ་བ་ལང་གི་གཅི་བ་བག་ལེབ་ཀྱི་དབྱིབས་སུ་བཅོས་ནས་ཁང་པའི་གྱང་ལ་སྦྱར་ནས་བསྐམ་པར་གྲྭ་པ་ཞིག་གིས་མཐོང་ནས་འདི་གཉིས་བགྲོ་གླེང་བྱས་པ།

གྲྭ་པ། “ཨ་མ་ལགས། སྐྱག་པ་ཁང་པའི་གྱང་ལ་སྦྱར་ནས་ག་རེ་གནང་ག་?”
ཨ་མ། “སྐུ་ཞོག་ལགས། དེ་འདྲ་མ་གསུང་། འདི་སྐྱག་པ་མ་རེད། གཅི་བ་རེད།”
གྲྭ་པ། “འོ་ན་གཅི་བ་ཆོས་ཅན། སྐྱག་པ་མ་ཡིན་པར་ཐལ།”

No comments:

Post a Comment